Back to All Events

Cultural Show - Tibetan American Tehor Assoc.


  • Astoria World Manor 22-25 Astoria Boulevard Queens, NY, 11102 United States (map)

༑ བྱང་ཨ་རིའི་ནི་འུ་ཡོག་ས་གནས་སུ་བཞུགས་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བཀྲ་ཤིས་པའི་འཚམས་འདྲི་ཞུ་བ་དང་ལྷན་དུ་རྣམ་པ་ཚོའི་སྙན་ལམ་དུ།

རེ་སྐུལ་ཞུ་རྒྱུ།

བོད་ཀྱི་རིག་གཞུང་གླུ་གར་རོལ་མོ་སོགས་རྒྱུན་གནས་གོང་འཕེལ་ཡོང་ཆེད་དང་། གཞན་ཡང་བསྒྲུབ་བྱ་གང་མང་ཞིག་གི་སླད་དུ།

རྒྱན་ཤོག་གི་རྩེད་རིགས་དང་ལྷན་དུ་བོད་ཀྱི་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་གྱི་དགོང་ཚོགས་ཆེན་མོའི་ལས་རིམ་ཞིག་བྱང་ཨ་རིའི་ནི་འུ་ཡོག་ས་གནས་སུ་ཡོད་པའི་ཏྲེ་ཧོར་སྐྱིད་སྡུག་གི་རྒྱུན་ལས་རྣམ་པས་གོ་སྒྲིག་ཞུས་ཡོད་པ་ལགས་ན། ང་ཚོས་གོ་སྒྲིག་ཞུས་པའི་ལས་རིམ་ལ་འདིར་བཞུགས་བོད་རིག་སྤུན་ཟླ་ཡོངས་ནས་ཐུགས་ཁུར་ཆེན་པོའི་ཐོག་རྒྱན་ཤོག་ཉོ་རྒྱུ་དང་དགོང་ཚོགས་ལ་ཕེབས་རྒྱུ་སོགས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གང་མང་མང་ཞིག་གནང་སྐྱོང་ཡོང་བའི་ཆེད་དུ་ང་ཚོའི་རྒྱུན་ལས་ཡོངས་ནས་སོ་བཅུ་འདབ་མ་སྙིང་ཁར་སྦྱར་ནས་སྙིང་ཁོང་རུས་པའི་གཏིང་ནས་རེ་སྐུལ་ཞུ་རྒྱུ་ལགས་ན།

འདིར་བཞུགས་བོད་རིགས་སྤུན་ཟླ་ཡོངས་ནས་དེ་ལུགས་དགོངས་འཇགས་འཚལ།།

ཟླ་ཚེས་བཟང་པོར་ཕུལ།།

Previous
Previous
March 12

Book Launch | Tenzin Tsundue

Next
Next
March 23

Canceled* -Healing Our Relationship with the Planet | Richard Gere, Tencho & Patrick McDonnell