༄༅།། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གཤམ་གྱི་གསལ་བསྒྲགས་ཁག་ཞུ་རྒྱུར་ཐུགས་སྣང་ཡོང་བའི་རེ་སྐུལ་ཞུ་གི་ཡོད།
༡། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞིས་བྱེས་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་གཏན་འཁེལ་བར། སྔོན་དུ་གསལ་བསྒྲགས་སོང་བ་བཞིན་རང་རང་སོ་སོས་བློས་བཅད་ནས་ཞལ་འདེབས་ཇི་ཡོད་ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༢༦ གོང་ལ་སྤྱི་མཐུན་ཚོགས་པར་འབུལ་ཚར་བ་གནང་རོགས།
༢། སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་དཔལ་འབྱོར་འདུ་འགོད་ཆེད། སྤྱི་མཐུན་ཚོགས་པས་ཐབས་ཤེས་སྣ་ཚོགས་བྱེད་མུས་ལྟར། བོད་ལུགས་ལོ་གསར་གྱི་སྡེར་ཁ་ཆ་ཚང་སྤུས་ཚོང་ཞུ་གི་ཡོད་པ་ལྟར། ཐུགས་མཁོ་ཡོད་མཁན་སུ་ཡོད་རུང་ནས་སྤྱི་མཐུན་ཚོགས་པར་འབྲེལ་བ་གནང་སྟེ། གང་མགྱོགས་སྔོན་མངགས་གནང་རོགས།
༣། ལོ་གསར་གྱི་སྡེར་ཁ་སྐྲག་རྒྱུ་དང་། “ ལོ་གསར་སྔོན་བསུའི་ཁྲོམ་རྭར་འདུ་འཛོམས།” ཀྱི་སྤྲོ་སྐྱིད་ཀྱི་ཆེད་དུ་བཞེས་མོག་ཕོན་ཆེ་བཟོ་དགོས་ལ་བརྟེན། དང་བླངས་ཕྱག་རོགས་གནང་ཁོམ་ཡོད་མཁན་ཚོས། སྤྱི་མཐུན་ཚོགས་པར་འབྲེལ་བ་གནང་རོགས་གནང་།
༤། གཟའ་མཇུག་ནམ་ཡིན་གྱི་དགོང་མོ་ཕྱག་ཚོད་ ༨ པ་ནས་ཞོགས་པ་ཕྱག་ཚོད་ ༤ པ་བར་དང་། སྐབས་རེ་གཟའ་མཇུག་གི་ཉིན་གུང་སྐབས་སུ་ཡང་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ཕྱི་ནང་གི་ཁོར་ཡུག་གཙང་བཟོ་གནང་རྒྱུའི་ལས་ཀའི་གོ་སྐབས་ཡོད་པས། གོ་སྐབས་བླངས་ཐུགས་འདོད་ཡོད་མཁན་རྣམས་ཀྱིས་སྤྱི་མཐུན་ཚོགས་པར་འབྲེལ་བ་གནང་རོགས།
༥། ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༤ རེས་གཟའ་སྤེན་པའི་ཉིན་ “ ལོ་གསར་སྔོན་བསུའི་ཁྲོམ་རྭར་འདུ་འཛོམས།” ཀྱི་སྤྲོ་སྐྱིད་གོ་སྒྲིག་ཞུས་ཡོད་ཅིང་།ཁྲོམ་རྭ་བཟུང་རྒྱུའི་ཐུགས་འདོད་ཡོད་ན། རིན་འབབ་ཨ་སྒོར་ ༢༠༠།༠༠ ཡིན། དེ་ཉིན་བྲོ་བ་སྣ་ཚོགས་ཀྱི་ཞལ་ལག་སྤུས་ཚོང་དང་། རྒན་གཞོན་ཚང་མར་འཚམ་པའི་རོལ་རྩེད་སྣེ་འཛོམས། དགོས་མཁོ་ཆེ་བའི་སྣེ་མང་ཅ་དངོས་ཚོང་འགྲེམས། རྒན་དར་གཞོན་གསུམ་ཚང་མས་མཉེས་པའི་སྒོར་གཞས་སོགས་གྲ་སྒྲིག་ཞུས་ཡོད་པས། མི་མང་གང་མང་མཉམ་ཞུགས་ཀྱིས་ “ ལོ་གསར་སྔོན་བསུའི་ཁྲོམ་རྭར་འདུ་འཛོམས།” ཀྱི་སྤྲོ་སྐྱིད་ལ་རྒྱབ་སྐྱོར་གྱིས་མཉམ་ཞུགས་གནང་རོགས་ཞུ་རྒྱུའི་གསལ་བསྒྲགས་སུ། བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡ ཚེས་ ༢༤ ལ།། །།
འབྲེལ་བ་ཞུ་སའི་ཞལ་པར་ཨང་གྲས། (732-347-557) (917-477-9113) (646-571-9273) (917-406-4588) +1 (347) 761-1134
Info@tcnynj.org.