བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པ་སྲུང་བརྩི་ཞུ་གཏན་ཁེལ་བར་ནིའུ་ཡོག་དང་ནིའུ་འཇར་སི་གནས་བཞུགས་མི་དམངས་ཚང་མ་ངེས་ཕེབས་ཡོང་བ་ཞུ།
On 10 March 1959, tens of thousands of Tibetans took to the streets of Lhasa, Tibet’s capital, rising up against China’s illegal invasion and occupation of their homeland. Every year thousands of Tibetans and their supporters take to the streets across the world to mark the 63rd anniversary of Tibetan National Uprising Day.
As we pay tribute to the extraordinary courage of Tibetans resisting in Tibet, and all Tibetans, past and present who have courageously resisted China’s violent colonial rule. We urge citizens around the world to join us in calling for an end to China’s occupation of Tibet.
གསུམ་བཅུའི་བོད་མིའི་སྒེར་ལངས་དུས་དྲན་ནི་སྤྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་སྤུན་ཟླ་སྟོང་ཚོ་མང་པོས་རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ལོ་རྒྱུས་རང་བཞིན་གྱི་བཙན་རྒོལ་རྒྱལ་སྐྱོབས་ཀྱི་ཉིན་མོ་ཞིག་ཡིན་པས། དུས་དེ་ནས་བཟུང་ལོ་ལྟར་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཁག་གི་ནང་ཞི་རྒྱ་ཆེ་བའི་དུས་དྲན་གྱི་ལས་འགུལ་སྤེལ་བཞིན་ཡོད། སྤྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་ཞུ་འཆར་དང་འབྲེལ་དེ་ལོའི་ཟླ་བ་ ༣ ནང་བོད་ས་སྟོད་སྨད་ཡོངས་སུ་ཞི་རྒྱ་ཆེ་བའི་ས་བྱི་ཞི་རྒོལ་གྱི་ལས་འགུལ་ཞིག་ཀྱང་བྱུང་བ་དང་། སྐབས་དེར་བོད་ཕྱི་ནང་གི་བོད་མི་ཚོས་བོད་མིའི་འགན་ཁུར་ཕྲག་ཏུ་བླངས་ཏེ་བོད་དོན་འཐབ་རྩོད་དེ་འཛམ་གླིང་ལ་གྲགས་པར་བྱེད་ཐུབ་ཡོད། འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པ་དེ་འདི་ག་ནིའུ་ཡོག་ས་གནས་ཀྱི་ཚོགས་སྐྱིད་ཁག་བདུན་གྱི་གོ་སྒྲིག་འོག་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་འདུ་འཛོམས་ཀྱིས་མཛད་སྒོ་དང་། དེ་རྗེས་རྒྱ་དམར་གཞུང་ཚབ་བར་སྐད་འབོད་གོམ་བགྲོད། མཐར་རྒྱ་དམར་གཞུང་ཚབ་མདུན་དུ་སྐད་འབོད་ལས་འགུལ་རྔམ་བརྗིད་ལྡན་པ་ཞིག་སྤེལ་རྒྱུ་ལགས་ན། ནིའུ་ཡོག་དང་ནིའུ་འཇར་སིར་གནས་བཞུགས་བོད་མི་ཚང་མ་ངེས་ཕེབས་ཡོང་བའི་གསལ་བསྒྲགས་སུ། གོ་སྒྲིག་ཚོགས་ཆུང་ནས་སྤྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༤ ཉིན་སྤེལ།--
ནིའུ་ཡོག་གྲོང་ཁྱེར་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི།
WHEN & WHERE: March 10, 2022 in New York City
10:00 AM – 1:00 PM: United Nations (Dag Hammarshjold Plaza, 224 E. 47th St., New York)
སྔ་དྲོ་ཚོུད་ ༡༠ ནས་ ༡ བར་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་མཛད་སྒོ་དང་ལས་འགུལ།
1:00 PM – 2:00 PM: Protest from United Nations to Chinese Consulate (520 12th Ave., New York)
ཚོུད་ ༡ ནས་ ༢ བར་རྒྱལ་ཚོགས་ཀྱི་ལས་ཁུངས་ནས་རྒྱ་དམར་གཞུང་ཚབ་བར་སྐད་འབོད་གོམ་བགྲོད།
2:00 PM – 5:00 PM: Chinese Consulate (520 12th Ave., New York)
ཚོུད་ ༢ ནས་ ༥ བར་རྒྱ་དམར་གཞུང་ཚབ་མདུན་ལས་འགུལ།
གོ་སྒྲིག་ཞུ་མཁན།
Jointly Organized by:
The Tibetan Community of New York & New Jersey
ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ།
Regional Tibetan Youth Congress of New York & New Jersey
ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས།
North America Dokham Chushi Gangdruk
བྱང་ཨ་རིའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག
Regional North America U-Tsang Chokha
བྱང་ཨ་རིའི་དབུས་གཙང་ཆོལ་ཁ།
North America Dhomay Association
བྱང་ཨ་རིའི་ས་གནས་མདོ་སྨད་རྒྱུན་ལས་ཁང་།
US Tibet Committee
ཨ་བོད་མཛའ་འབྲེལ་ཚོགས་པ།
Students for a Free Tibet