༄། ས་གནས་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྐྱ་སེར་ཡོངས་དང་ལྷག་པར་བོད་ཀྱི་བེུད་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ།
ཀུན་གྱི་དགོངས་མངའ་བཞིན། རྒྱལ་གཅེས་སྙིང་སྟོབས་ཅན་གྱི་རང་རེ་བོད་ཀྱི་ཆོལ་གསུམ་བུད་མེད་དཔའ་མོ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས། ཕྱི་ལོ་༡༩༥༩་ ཟླ་བ་ ༣ ཚེས་ ༡༢ ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་དབང་སྒྱུར་ལ་ཞི་རྒོལ་སྒེར་ལངས་བགྱིད་ནས་མི་ལོ་ ༦༣ ཧྲིལ་པོར་འཁོར་བས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་གཤམ་འཁོད་ས་ཚིགས་སུ་བུད་མེད་སྒེར་ལངས་དུས་དྲན་སྲུང་རྩི་གོ་སྒྲིག་ཞུ་རྒྱུ་ལགས་ན། མི་མང་གང་མང་རྒྱབ་སྐྱོར་མཚོན་ཕྱིར་མཉམ་གཞུགས་གནང་སྐྱོང་ཡོང་བའི་རིགས་ཞེན་འབོད་སྐུལ་གསལ་བརྡ་རུ།
ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་སྐབས་༡༧་རྒྱུན་ལས་ཐུན་མོངས་ནས་སྤེལ།
མཛད་སྒོ་ཚོགས་ཡུལ། ས་གནས་ཇེག་སོན་ཧའིཏ།
ཕྱི་ཚེས། ༢༠༢༢/༣/༡༢ ཉིན།
དུས་ཚོད། ཉིན་རྒྱབ་ཚོུད་ ༡༢ ནས་ ༣ བར།